སྙིགས་དུས་འགྲོ་བའི་སྐྱབས་གཅིག་པད་མ་འབྱུང་།།
ཕྱག་ན་པད་མོའི་རྣམ་འཕྲུལ་ཆོས་ཀྱི་རྒྱལ།།
འཇིགས་མེད་སེངྒེ་དབང་ཕྱུག་སྐུ་འཁྲུངས་པའི།།
དཔལ་གྱི་ཉི་མོར་བཀྲ་ཤིས་བདེ་ལེགས་ཞུ།།
དབང་ཕྱུག་གདུང་བརྒྱུད་ཤར་རིའི་ཕྲག་པ་ནས།།
འཇིགས་མེད་སེངྒེ་སྨྲ་བའི་ཉི་མ་མཆོག།
བྱམས་བརྩེ་འོད་ཀྱིས་འབངས་རྣམས་བསྐྱངས་བཞིན་དུ།།
བཞུགས་ཤིང་འཁྲུངས་སྐར་བསུ་སྟེ་སྐལ་བ་བཟང་།།
ཁྱེད་ནི་ལྷ་མི་ཀུན་གྱིས་མཆོད་པའི་གནས།།
གཙུག་གི་རྒྱན་དང་སྙིང་གི་ནོར་བུའང་ཁྱེད།།
སྐུ་ཚེ་འགལ་རྐྱེན་བར་ཆད་རབ་ཞི་ནས།།
ལྗོངས་འདིའི་དཔལ་དུ་བསྐལ་བརྒྱར་བཞུགས་སུ་གསོལ།།