འཇིགས་མེད་མཚན་ཅན་གྱི་དཔོན་པོ། །ས་སྟེང་འབྲུག་ཡུལ་དུ་བྱོན་ཏེ། །ང་བཅས་མུན་པ་ཡི་སེམས་ཅན། །སྐྱིད་སྡུག་འདམ་རྫབ་ནས་བཏོན་ཡོད།།
འཇིགས་མེད་མཚན་ལྡན་གྱི་དམག་དཔོན། །སེང་གེ་སེམས་ཅན་གྱི་རྒྱལ་པོ། །དབང་ཕྱུག་གཟི་བརྗིད་ཀྱི་མངའ་བདག །སྙིང་རྗེ་རང་གཟུགས་ཀྱི་ཆོས་རྒྱལ།།
དུས་བཟང་འདི་རིང་གི་ཉིན་མོར། །འཁྲུངས་པར་བཀའ་དྲིན་རང་ལེགས་སོ། །ལྷག་བསམ་རྣམ་དག་གི་ཁ་དར། །ཕུལ་ལོ་ས་སྐྱོང་གི་རྒྱལ་པོར།།