གཏེར་སྟོན་འབྲུག་གྲགས་རྡོ་རྗེའི་ལུང་ནང་ལས།། ལུང་བསྟན་ལྷ་ལས་འབྲུག་ལུ་བབས་པའི་སྲས།། རང་ལུགས་གནམ་ལོ་ཤིང་མོ་ལུག་ལོ་ནང་།། འགྲོ་དོན་མཛད་པའི་སྐྱེ་བོ་དམ་པ་འཁྲུངས།།
འབྲུག་མི་སྐལ་བཟང་འབྲུག་ལྡིང་མཁའ་ལ་ལྡིར།། མཁའ་ལ་འཇའ་ཤར་མེ་ཏོག་བདུད་རྩི་བབས།། འགྲོ་བ་ཐམས་ཅད་ཞི་བདེ་ངང་ལ་འབྱུང་།། འབྲུག་མི་ཚེ་སྔོན་བསོད་ནམས་འབྲས་བུའི་ནོར།།
ཐུགས་སྙིང་བྱམས་བརྩེ་ཆེ་བའི་གྲུ་འཛིན་དང་།། དབྱེར་མེད་སྐྱབས་མགོན་འཇིགས་མེད་སེང་གེ་མཆོག། སྐུ་ལ་ནད་དང་བར་ཆད་མི་འབྱུང་ཞིང་།། རྟག་ཏུ་ཚེ་རིང་བཞུགས་པའི་སྨོན་ལམ་ཞུ།།
བཀའ་དྲིན་བླ་ན་མེད་པའི་མངའ་ཞབས་མཆོག། དགུང་ལོ་བདུན་བཅུ་འཁོར་བའི་ཉིནམ་འདི་ལུ།། སེམས་རིག་བཟའ་ཚང་ཡོངས་ཀྱི་ཁ་ཐུག་ལས།། སྐུ་ཚད་རིང་བའི་བཀྲ་ཤིས་སྨོན་ལམ་ཞུ།།