ཀ་མེད་དྲག་ཁག་གསུམ་གྱི་དམག་མི་རྣམས། …

ཀ་མེད་དྲག་ཁག་གསུམ་གྱི་དམག་མི་རྣམས། །ཁ་བཞི་དཔལ་ལྡན་འབྲུག་པའི་མཐའ་དོན་དུ། །ག་ན་སྡོད་ཀྱང་རང་སྲོག་བློས་བཏང་བས། །ང་ནས་རྗེས་སུ་ཡི་རང་ཡོད་ཅེས་ཞུ། །ཅ་ཆས་གོ་ལག་སྣ་ཚོགས་རྫས་བམ་སོགས། །ཇ་ཆང་སོགས་བྲལ་ནགས་ཀླུང་འཐུག་པོའི་ཁྲོད། །ཉ་མོ་མཚོ་ནས་ལྡང་འདྲའི་དམག་སྦྱོང་བྱེད། །ཏཱ་ལའི་བླ་མ་མཆོག་དང་མི་དབང་ཆེ། །ཐ་དད་ཡིན་ཀྱང་མཛད་པ་ཕྲིན་ལས་མཚུངས། །ད་ལྟ་སྙན་གྲགས་ཡོངས་ལ་ཁྱབ་པ་དེ། །ན་ནིང་དབྱིན་ཟླ་བཅུ་གཉིས་ཚེས་བཅོ་ལྔར། །པ་སངས་སློབ་མ་ལྷ་ལས་ཕམ་པ་བཞིན། །ཕ་རོལ་ཨུལ་ཕ་བོ་དོ་ཀེ་ཨེལ་ཨོ། །བ་སྤུ་ཙམ་ཡང་མེད་པར་མི་དབང་གིས། །མ་ལུས་མཐའ་དག་རྩད་ནས་བསྐྲད་པར་མཛད། །ཙཱ་རི་གནས་དང་འདྲ་བའི་རྒྱབ་ཁབ་འདིར། །ཚ་གྲང་བཀྲེས་སྐོམ་བྲལ་བའི་དགའ་སྐྱིད་འདི། །ཛ་ཧུའི་བུ་མོ་རྒྱུན་ལྟར་འབབ་དགོས་ན། །ཝ་རུ་ན་ལ་གསོལ་བ་ཅི་མི་འདེབས། །ཞྭ་མོ་དམག་གོས་ལྷམ་དང་གོ་འཁྲབ་གྱོན། །ཟ་འཐུང་སྤྱོད་པའི་དུས་ཚོད་ཀྱང་མེད་པར། །འ་ཅག་འབྲུག་པའི་དམག་དཔུང་ལྷོར་བརྡོལ་ནས། །ཡ་མཚན་ཆེ་བའི་འབྲས་བུ་བྱུང་མོད་ཀྱང་། །ར་བ་ནགས་མས་བསྐོར་བའི་ལྗོངས་འདིའི་མི། །ལ་ལ་རང་དོན་བསྒྲུབ་ཆེད་རྒྱལ་ཁབ་ལ། །ཤ་ཞེན་མེད་པས་མི་དབང་ཐུགས་མ་དགྱེས། །ས་ཕྱོགས་སོ་སོའི་འདོད་ངན་སྐྱེ་བོ་དང་། །ཧ་ཅང་དེ་འདྲའི་ཁྲིམས་འགལ་བྱེད་མི་རྣམས། །ཧ་ལམ་མི་ཚེ་བཙོན་རར་ཟད་ཙ་ན།།

Leave a Reply

Your email address will not be published. Required fields are marked *