༉ ང་བཅས་ར་ འབྲུག་མི་བསོད་ནམས་སྤྱི་མཐུན་ལས་བྱོན་པའི་ དྲིན་ཅན་གྱི་ཕམ་ ཆོས་རྒྱལ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་དཔལ་མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ དགུང་ལོ་བདུན་བཅུ་བཞེས་པའི་སྐུའི་འཁྲུངས་སྐར་གྱི་ཉིནམ་ལུ་བཀྲིས་བདེ་ལེགས་ཕུལ་ནི་དང་ དུས་ན་ལས་ཕར་ མི་དབང་མཆོག་སྐུ་གསུང་ཐུགས་ལུ་བར་ཆད་འབྱུང་མ་བཅུག་པར་སྐུ་ཚེ་བསྐལ་བརྒྱར་སྦེ་བཞུགས་བཅུག་ཅིག་ཟེར་བའི་སྨོན་ལམ་ཕུལཝ་ཨིན་ལགས།