མི་དབང་འཇིགས་མེད་སེང་གེ་མཆོག །འབྲུག་མི་ཡོངས་ཀྱི་ཁ་ཐུག་ལས། །སྐུ་ཚེ་ཆུ་ལས་རིང་བཅུག་ཟེར། །སྨོན་ལམ་ཡང་ཡང་བཏབ་བཞག་གེ།

འཁྲུངས་སྐར་གུས་བཏུད།

སྤྱི་ལོ་ཉིས་སྟོང་ཉེར་ལྔའི་ལོར། །མི་དབང་འཇིགས་མེད་སེང་གེ་མཆོག། དགུང་ལོ་བདུན་བཅུ་བཞེས་མི་ལུ།། གུས་བཏུད་རྩོམ་ཅིག་ཕུལ་ནི་ཨིན།།

སྨན་ལྗོངས་འབྲུག་གི་རྒྱལ་ཁབ་འདི། །དགའ་ལྡན་ལྷ་ཡི་ཞིང་ཁམས་འདྲ། །ལུང་བསྟན་ཅན་གྱི་མི་དབང་མཆོག །རྒྱལ་ཁབ་འདི་ནང་འཁྲུངས་པར་དགའ།།

འབྲུག་གི་རྒྱལ་ཁབ་ཆུང་རུང་ཡང་། །རྒྱལ་ཁབ་ནང་གི་ནོརབུ་དང་འདྲ། །འབྲུག་མི་ཡོངས་ཀྱི་ཕམ་ཟེར་རུང་། །མི་དབང་འབྲུག་རྒྱལ་བཞི་པ་ཨིན།།

ལུང་བསྟན་ཅན་གྱི་རྒྱལ་པོ་མཆོག །འབྲུག་མི་ཡོངས་ཀྱི་སྐྱབས་དགོན་ཨིན། །ཉིན་དང་མཚན་དུ་མ་གཡེལ་བར། །ཡུན་རིང་བཞུགས་པའི་སྨོན་ལམ་ཡོད།།

མི་དབང་འཇིགས་མེད་སེང་གེ་མཆོག །འབྲུག་མི་ཡོངས་ཀྱི་ཁ་ཐུག་ལས། །སྐུ་ཚེ་ཆུ་ལས་རིང་བཅུག་ཟེར། །སྨོན་ལམ་ཡང་ཡང་བཏབ་བཞག་གེ།

བཀྲིན་ཆེ།

Leave a Reply

Your email address will not be published. Required fields are marked *