འབྲུག་མི་ཡོངས་ཀྱི་དཀོན་མཆོག།
སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ།།
རྒྱལ་ཁབ་བརྟན་པའི་སྲོག་ཤིང་།།
མི་དབང་འབྲུག་རྒྱལ་བཞི་པ།།
ད་རིས་དཔལ་གྱི་ཉིནམ་ལུ།།
འཁྲུངས་ཏེ་འབྲུག་མི་ཚོགས་བསག།
ཕ་མགོན་ངག་དབང་རྣམ་རྒྱལ།།
སྐུ་དངོས་འབྲུག་ལུ་བཞུགས་པར།།
མངའ་འབངས་བདེ་སྐྱིད་འབྱུང་ཡོད།།
འབྲུག་མིའི་སྐྱིད་སྡུག་ཕ་མ།།
མི་དབང་མངའ་ཞབས་མཆོག་ལུ།།
དགུང་ལོ་བདུན་བཅུ་བཞེས་པའི།།
བཀྲིས་ལེགས་སྨོན་ཕུལ་གེ།།