འཁྲུངས་སྐར་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞུའོ།
སྨན་ལྗོངས་འབྲུག་གི་རྒྱལ་པོ་མཆོག། དགུང་གྲངས་གཅིག་བསྣན་འཁྲུངས་སྐར་ལ།། མི་དམངས་ཡོངས་ཀྱི་ཚབ་ཞུས་ནས།། དགའ་བའི་མེ་ཏོག་སྙིང་ནས་ཕུལ།།
སྐུ་ཚེ་ཉི་ཟླ་བཞིན་དུ་བརྟན།། མཛད་འཕྲིན་དབྱར་གྱི་མཚོ་བཞིན་རྒྱས།། ཐུགས་བསྐྱེད་ནམ་མཁའ་བཞིན་དུ་ཡངས།། བྱམས་བརྩེ་གངས་རི་བཞིན་དུ་དཀར།།
མི་དམངས་སྐྱིད་པའི་གཞི་མ་དང་།། ཆོས་སྲིད་དར་བའི་དཔུང་གཉེན་མཆོག བསྟན་འགྲོའི་དོན་ལ་གཅིག་ཏུ་བརྩོན།། རྒྱལ་ཁབ་ཞི་བདེའི་དཔལ་དུ་བཞུགས།།
བཀྲ་ཤིས་དཔལ་གྱི་ཉི་མ་ཤར།། དགེ་མཚན་འོད་ཀྱི་སྣང་བ་འཕྲོ།། བདེ་སྐྱིད་པདྨོ་རབ་ཏུ་རྒྱས།། ཕུན་ཚོགས་དགའ་སྟོན་ལྡན་པར་ཤོག།
༡༠-༡༡-༢༠༢༥ འབྲུག་རྒྱལ་བཞི་པའི་འཁྲུངས་སྐར་ཉིན་མོར་ཁེར་རྐྱང་འབྲུག་གྲགས་མིང་པས་མི་དབང་མཆོག་སྐུ་ཚེ་རིང་ཞིང་མཛད་འཕྲིན་རྒྱས་པའི་སྨོན་ཚིག་དང་བཅས་ཕུལ་བ་དགེའོ།།